Wednesday, March 14, 2012

3,10

སེར་བྱེས་གྲ་པ་ཞིག་གི་སུམ་ཅུའི་དུས་དྲན་ཉིན་གྱི་མྱོང་ཚོར་
 སུམ་བཅུའི་དུས་དྲན་ཟེར་ན་གང་རེད་དམ།
དེ་ནི་དམར་པོའི་གཞུང་གི་དབང་སྒྱུར་འོག་བོད་རྒྱལ་ཁབ་དང་མི་རིགས་རིག་གཞུང་དང་བཅས་པ་ཆག་འཇིག་གི་སྐེ་མཚམས་རང་ལ་ཡོད་་པའི་སྐབས་ཏག་ཏག་ལ།
མི་དམངས་དབྱིངས་རང་ངོས་ནས་གོ་རྟོགས་སད་ཅིང། བློ་སྟོབས་རྒྱས་ཏེ་བྱུང་བའི་ཞི་རྒོལ་ཆེན་པོ་ཞིག་རེད།ནང་པ་སངས་རྒྱས་པའི་ཆོས་ཀྱི་བསླབ་བྱའི་འོག་
ཞི་བའི་འོས་ལངས་རང་ཡིན་པ་ལས་དྲག་རྒོལ་གྱི་ཐབས་ཤེས་ཀྱི་ལམ་ལ་ཞུགས་པ་ཞིག་མིན་ལ། མི་དམངས་སྒེར་གྱིས་རྒོལ་ཐབས་ཞིག་ཡིན་པ་ལས་སྲིད་གཞུང་
ཞིག་གིས་སྣེ་ཁྲིད་པའི་ཞི་རྒོལ་ཞིག་གཏན་ནས་མིན་ཙམ་བོད་མིའི་རང་དབང་སྒེར་ལངས་ཆེན་མོ་འང་ཞི་རྒོལ་ཆེན་མོ་ཟེར་ཀྱི་ཡོད་པ་འདྲ།
འོན་ཀྱང་ཕྱི་ལོ་༡༩༥༠ལོར་རྒྱ་དམག་གིས་བོད་ལ་དཔུང་འཇུག་བྱས་ཏེ་ནང་ཆོས་ནི་དུག་ཞིག་ལ་ངོས་འཛིན་གྱིས་རྩ་མེད་དུ་གཏོང་གྲབས་བྱེད་དུས།
བོད་མི་འཐབ་འཛིང་པ་ཚོས་རྒྱ་དམག་ནི་སངས་རྒྱས་ཀྱི་བསྟན་དགྲ་རང་ལ་ངོས་འཛིན་གྱིས་རྒྱ་དམག་བསད་ཐུབ་ན་སྡིག་པ་ཕ་ཞོག་དགེ་བ་རླབས་ཆེན་ཞིག་
བསྒྲུབས་པ་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་ཡབ་ཆེན་དམ་པའི་ཞལ་ནས་ཐོས་མྱོང། ༡༩༥༠ལོ་རྒྱ་དམག་བོད་ཤར་ཕྱོགས་སུ་ཐོག་མ་བཙན་འཛུལ་བྱེད་སྐབས་ཕྱོགས་
གཉིས་ཀའི་དྲགས་འཐབ་ཤུགས་ཆེན་བྱེད་ཡོད་པ་ལོ་རྒྱུས་ཀྱིས་དཔང་པོ་བྱེད། ད་དུང་དྲགས་འཐབ་ནང་དུ་ང་ཚོའི་ནང་གི་ཡབ་ཆེན་དམ་པའི་གཅུང་པོ་གྲ་པ་
ཞིག་ཡོད་པ་དེ་གྲོངས་ཡོད་སྐོར་ཆབ་མདོར་ར་འགའ་དབང་གྲགས་དང་ཡབ་ཆེན་སོགས་ཀྱིས་ཀླེངས་མོ་ནས་ཡང་ཡང་ཐོས་མྱོང།
ད་དུང་ཡ་མཚན་པ་ཞིག་ལ་ང་ཚོ་ནང་གི་རྨོ་རྨོས་ང་གྲ་པ་དེའི་ཡང་སྲིད་དུ་ངོས་འཛིན་བྱེད་ཀྱི་རེད་ལ་ང་ལ་ཡག་རབ་ཚུལ་ལྡན་དགོས་སྐོར་གྱི་བསླབ་བྱ་དང་
གྲ་པ་དེ་ཡག་ཪབ་ཚུལ་ལྡན་ཡོད་སྐོར་ཐེངས་མང་བཤད་མྱོང། ང་ཆོས་པ་ཞིག་གི་ངོས་ནས་བཤད་ན་དེ་དུས་རྒྱ་དམག་བསད་ན་དགེ་བ་ལས་སྡིག་པ་ཡོད་མ་རེད་
ལབ་ཐུབ་ས་མ་རེད་དེ། ཆོས་སྲིད་གང་གི་འཐད་ནས་བཤད་ན་མི་བསོད་ཁྲ་སྦྱོར་བཞན་དང་འདྲ་བའི་སྡིག་པ་དང་ཉེས་པ་མེད་པ་ངོས་འཛིན་བྱས་ཀྱི་ཡོད་ལ་
རྒྱུ་མཚན་ཡང་ཡོད།
མི་དམངས་སྒེར་ལངས་ཀྱིས་གང་མཚོན་ཀྱི་རེད།

མི་དམངས་སྒེར་ལངས་ཀྱི་མཚོན་དོན་ནི། རྒྱབ་ཁབ་ཅིག་དང་རྒྱབ་ཁབ་དེའི་བདག་པོ་མི་རིགས་ཤིག་དང་མི་རིགས་དེ་ལ་དབང་བའི་ཆོས་དང་རིགས་གཞུང་
ཆག་འཇིག་གི་གནས་ལ་གྱར་བའི་སྐབས་སུ། རྒྱལ་འབངས་མི་སེར་མཐུན་སྒྲིལ་མཉམ་གནས་དང། ཕྱ་བ་གྲུ་འདེབས་ཀྱི་ཚུལ་གྱིས་རྒྱལ་ཁབ་གྱི་བདག་དབང་
སྲུང་སྐྱོབ་དང། མི་དམངས་ཅིག་སྒྲིལ་དགོས་པའི་བླ་འབོད་བྱས་པ་ཞིག་མཚོན་ཐུབ་པ་མ་ཟད་བོད་རང་ཉིད་ལ་མཚོན་ན། རྒྱལ་གཅེས་དཔའ་བོ་དཔའ་མོ་
དག་གིས་རྒྱལ་ཁབ་དང་དབུ་ཁྲིད་འབངས་མི་སེར་དང་བཅས་པ་རང་ཉིད་ཀྱི་བླ་སྲོག་གིས་སྐྱོབ་པའི་བློས་གཏོང་གི་བསམ་བློའི་རྒྱ་ཁྱོན་དེའང་མཚོན་ཐུབ།
སུམ་བཅུའི་དུས་དྲན་ནི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་མེད་ཞིག་སྐྱིད་མི་ཡུལ་དུ་ནང་མི་སྤུན་ཆེས་དང་མཛའ་བའི་གྲོགས་པོ་གྲོགས་མོ་རྣམས་དང་
ཡོངས་སུ་ཁ་བྲལ་ཏེ་ཚེ་སྲོག་མཚོན་ཁ་ནས་ཆས་པ་དང། ཟུངས་ཁྲག་གི་བཞུར་རྒྱུན་ཐོག་མར་འབབ་སའི་ས་མཚམས་དེ་ཡིན། སུམ་བཅུའི་དུས་དྲན་ནི་ ༡༩༥༩ ལོའི་ ༣  པའི་ཚེས་  ༡༠ ཉིན་ནས་མགོ་ བརྩམས་ཏེ་ད་ལྟ་ལ་ཐུག་གི་བར་དུ་བོད་མིའི་རང་དབང་སླར་གསོ་ཡི་སླད་དུ་གཅེས་པའི་ ཚེ་སྲོག་ཤོར་སོང་བ་དང་དམར་པོའི་གཞུང་གི་མནར་གཅོད་འོག་ཏུ་སྡུག་ཁུར་དུ་ལེན་ བཞིན་པའི་རྒྱལ་གཅེས་པ་དག་གི་གཟི་བརྗིད་དང་བྱས་རྗེས་དྲན་གསོ་བྱས་ནས་རང་རང་ སོ་སོས་འཇོན་ཚོད་ཅིག་འགན་ཁུར་དགོས་པའི་དུས་དྲན་ཁྱད་པ་ཅན་ཞིག་ཡིན་ནོ།
 དགེ་འདུན་པ་བྱམས་པ་ཆོས་འགྲུབ་ཀྱིས་


No comments: